༢༠༠༩ལོའི་གསར་འགྱུར་གནད་བསྡུས།
༢༠༠༩ལོའི་གསར་འགྱུར་གནད་བསྡུས།

སྤྱི་ཟླ་དང་པོར། ཨུ་རུ་སུ་ཡི་རྒྱལ་ས་མོ་ཤི་ཁའོ་རུ་བོད་ཀྱི་གསོ་བ་རིག་པའི་སྨན་སྦྱོར་སློབ་ཁྲིད་བྱས་ལ།  སློབ་ཁྲིད་ནང་དུ་ཞུགས་མཁན་ཨུ་རུ་སུ་ཡི་སྨན་པ་དང་སོག་པོ་ནས་ཡོང་བའི་སྨན་པ་སོགས་བོད་སྨན་གྱི་སློབ་གསོ་རེག་བཞིན་པའི་དགེ་ཕྲུག་དྲུག་ཅུ་ལྷག་ཞུགས། དེའི་རྗེས་སུ་གཡུ་ཐོག་སྙིང་ཐིག་སྔོན་འགྲོ་དང་ཆོས་སྐོར་གྱི་སློབ་སྦྱོང་དང་ཉམས་ལེན་ཚད་དང་ལྡན་པ་བྱས། ཟླ་མཇུག་ཏུ་ཕའོ་ལན་རྒྱལ་ཁབ་ཏུ་བོད་ལུགས་སྐུ་མཉེའི་སྐོར་སློབ་ཁྲིད་བྱས།
སྤྱི་ཟླ་གཉིས་པར། ཧྥ་རན་སིའི་བོད་ཀྱི་གསོ་རིག་ཁང་གིས་བཀོད་བསྒྲིགས་གནང་བ་ལྟར་བོད་སྨན་གྱི་འཛིན་གྲྭ་དང་སྔགས་བཅོས་རིག་པའི་འཛིན་གྲྭ་བསྒྲུབས་ཤིང་ཁྱོན་བསྡོམས་མི་ལྔ་བཅུ་ལྷག་བཞུགས་ཡོད། ཟླ་མཇུག་ལ། ཨི་ཊ་ལིའི་བོད་སྨན་འཛིན་གྲྭ་ལ་ཟས་སྒོམ་དང་སྤྱོད་ལམ་སློབ་ཁྲིད་མཛད།
སྤྱི་ཟླ་གསུམ་པར། འཇར་མན་བོད་ཀྱི་གསོ་རིག་ཁང་གི་བཀོད་བསྒྲིགས་ལྟར་འཇར་མན་དུ་བསྐུ་མཉེ་དང་དཔྱད་བཅོས་ཀྱི་སློབ་ཁྲིད་མཛད། ཨི་ཊ་ལི་རྒྱལ་ཁབ་ཀྱི་མེའུ་ལན་གྲོང་ཁྱེར་དུ་བོད་སྨན་སེམས་རིག་པའི་འཛིན་གྲྭ་གསར་བ་བཙུགས།
སྤྱི་ཟླ་བཞི་པར། ཤི་པན་ཡ་རྒྱལ་ཁབ་ཏུ་བོད་སྨན་རྩ་རྒྱུད་ཀྱི་འཛིན་གྲྭ་ཚོགས།ཟླ་མཇུག་ལ། ཨོ་སེ་ཁྲུ་ལི་ཡ་རྒྱལ་ཁབ་ཏུ་རྩ་རྒྱུད་འཛིན་གྲྭ་ཚོགས།
སྤྱི་ཟླ་ལྔ་པར། སེངྒེ་ཕོར་རྒྱལ་ཁབ་ཏུ་གསོ་རིག་རྩ་རྒྱུད་འཛིན་གྲྭ་ཚོགས།
སྤྱི་ཟླ་དྲུག་པར། འཇར་མན་རྒྱལ་ཁབ་ཏུ་བོད་ཀྱི་སྨན་སྦྱོར་རིག་པ་དང་ས་དཔྱད་རིག་པའི་འཛིན་གྲྭ་ཚོགས། ཟླ་མཇུག་ཏུ། ཨོ་སེ་ཁྲུ་རི་ཡ་རྒྱལ་ཁབ་ཏུ་་ས་དཔྱད་ཀྱི་འཛིན་གྲྭ་ཚོགས།
སྤྱི་ཟླ་བདུན་པར། ཨ་རིའི་ཀ་ལི་ཕོར་ཉ་རུ་རྩ་རྒྱུད་འཛིན་གྲྭ་ཚོགས། དེ་རྗེས་འཇར་མན་བོད་སྨན་བསྐུ་མཉེའི་འཛིན་གྲྭ་བཙུགས། ཟླ་མཇུག ཨད་སེ་ཏོའོ་ནི་ཡ་རྒྱལ་ཁབ་ཏུ་བོད་ཀྱི་གསོ་བ་རིག་པའི་འགྲེམས་སྟོན་སྤེལ།
སྤྱི་ཟླ་བརྒྱད་པར། དེང་རབས་ཀྱི་ལུགས་ལྟར་གློག་ལམ་བརྒྱུད་དེ་ཨུ་རུ་སུའི་སློབ་མར་སྨན་གྱི་སློབ་ཚན་ཁྲིད།
སྤྱི་ཟླ་དགུ་པར། བོད་ཀྱི་ཚོགས་པ་གཞན་གྱིས་གྲ་སྒྲིག་བྱས་པ་ལྟར་ཤི་པན་ཡ་རྒྱལ་ཁབ་ཏུ་བོད་ཀྱི་གསོ་བ་རིག་པའི་ཚོགས་འདུ་གཉེར།
སྤྱི་ཟླ་བཅུ་པར། ཧྥ་རན་སི་རུ་བོད་ཀྱི་སྐྱེ་དངོས་རིག་པའི་འཛིན་གྲྭ་ཚོགས།སྤོར་ཏོ་ལ་བོད་ཀྱི་བསྐུ་མཉེ་དང་དཔྱད་བཅོས་འཛིན་གྲྭ་ཚོགས།
སྤྱི་ཟླ་བཅུ་གཅིག་པར། འུ་ཁ་ལན་རྒྱལ་ཁབ་ཀྱི་རྒྱལ་ས་ཀས་པུའུ་རུ་བོད་ཀྱི་དཔྱད་བཅོས་རིག་པ་དང་སྔགས་བཅོས་རིག་པ། གཡུ་ཐོག་སྙིང་ཐིག་སྔོན་འགྲོ་ཁྲིད། ལུང་པ་དེར་བོད་སྨན་ཁྱབ་བསྒྲགས་དང་ངོ་སྤྲོད་རྒྱ་ཆེར་བྱས།
སྤྱི་ཟླ་བཅུ་གཉིས་པར། ཨི་ཊ་ལི་རྒྱལ་ཁབ་ཀྱི་བོད་སྨན་འཛིན་གྲྭར་བོད་སྨན་དོན་ལྔ་སྣོད་དྲུག་དང་ནད་ཁམས་རིག་པའི་འཛིན་གྲྭ་ཚོགས།

[ཡོང་ཁུངས་། ངེད་དྲ་བ།] [རྩོམ་པ་པོ། གེ་སར།] [ཟླ་ཚེས། 10-01-05] [ཀློག་གྲངས། ]
དཔྱད་གཏམ།
དཔྱད་གཏམ་སྤེལ་བ།