
སྨན་པ་ཉི་ཟླ་ལྕེ་ནག་ཚང་གིས་ཨི་ཊ་ལི་རྒྱལ་ཁབ་ཀྱི་མེའུ་ལན་སློབ་གྲྭ་ཆེན་མོ་རུ་བོད་ཀྱི་གསོ་རིག་ཅེས་པའི་གཏམ་བཤད་གནང་ནས། བོད་ཀྱི་གསོ་རིག་སྤྱི་དང་སྒོས་སུ་རྟེན་འབྲེལ་སྔགས་བཅོས་རིག་པ་དང་བོད་ལུགས་བསྐུ་མཉེ་རིག་པ། གཡུ་ཐོག་སྨན་སྒྲུབ་སྐོར་སོགས་རྩལ་དུ་བཏོན་ནས་ངོ་སྤྲོད་མཛད་པར། བོད་ཀྱི་གསོ་རིག་ཕྱོགས་ལ་མོས་པ་དང་སློབ་གཉེར་བདོག་པའི་ཕྱི་གླིང་པ་ཚོའི་དགའ་བསུ་ཐོབ།