༢༠༠༩ལོའི་ཟླ༡༢པའི་ཚེས༢༥ནས༣༠བར་དུ། ཨུ་རུ་སུའི་རྒྱལ་ས་མོ་ཤི་ཁོ་རུ་སློབ་མ༥༠ལྷག་ལ་བོད་ཀྱི་གསོ་རིག་ལས་ཚ་ནད་རིག་པའི་སྐོར་སློབ་ཁྲིད་གནང་བ་དང་། ཞོར་དུ་ཕྱི་མ་རྒྱུད་ཀྱི་སྨན་སྦྱོར་སྐོར་ངོ་སྤྲོད་མདོར་བསྡུས་གནང་།
༢༠༡༠ལོའི་ཟླ་དང་པོའི་ཚེས༢ནས༩བར་དུ། ཨུ་རུ་སུའི་སྦོ་རི་ཡ་ཐི་ས་ཁུལ་གྱི་གྲོང་ཁྱེར་ཨོ་ལན་ཨོ་དྷི་རུ། གཡུ་ཐོག་སྙིང་ཐིག་གི་སྔོན་འགྲོ་སློབ་ཁྲིད་གནང་བར་མི་༢༠༠ལྷག་འདུས། དེ་བཞིན་དུ་སྨན་དང་སྔགས་ལུགས་ཀྱི་གྲུབ་པ་ལུས་ཀྱི་སྐོར་ཁྲིད་པར། སྨན་པ་དང་ཞིབ་འཇུག་པ། བོད་ཀྱི་ཤེས་རིག་ལ་དོ་སྣང་བདོག་མཁན་སོགས་མི༩༠ལྷག་ཙམ་ཞུགས།