༢༠༠༩ལོའི་སྤྱི་ཟླ་༡༢པར། ཁང་ཁ་དཔེ་སྐྲུན་ཁང་ནས་ཉི་ཟླའི་བསྐུ་མཉེའི་ལག་དེབ་ཅེས་པ་ཨུ་རུ་སུའི་སྐད་ལ་པར་སྐྲུན་བྱས་ཤིང་། དེབ་དེ་ནི་ཨ་ན་རེ་རྩ་བས་ཡིག་བསྒྱུར་བྱས་པ་ཡིན་ལ། ཨུ་རུ་སུའི་སྐད་ལ་པར་སྐྲུན་གནང་བའི་སྨན་པ་ཉི་ཟླའི་དཔེ་ཆ་དེབ་བཞི་པ་ཡིན་པ་དང་། སྔོན་ནས་ཨུ་རུ་སུའི་སྐད་ལ་པར་སྐྲུན་བྱས་ཟིན་པའི་དེབ་གཞན་པ་གསུམ་པོ་ནི། ངེས་བཟུང་རྟགས་དང་གསོ་བྱེད་ཐབས། བོད་ཀྱི་གསོ་བ་རིག་པའི་རྨི་ལམ་འགྲེལ་བཤད། སྔགས་བཅོས་རིག་པ་བཅས་ཡིན་ཞིང་རྒྱ་ཆེའི་ཀློག་པ་པོ་མང་པོས་དགའ་པོ་བྱ་ཡུལ་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད།