སྨན་པ་ཉི་ཟླ་ལྕེ་ནག་ཚང་གིས་ཨོ་ཁེ་ལན་རྒྱལ་ཁབ་ཏུ་བོད་ཀྱི་གསོ་རིག་གི་དཔྱད་བཅོས་རིག་པ་སློབ་ཁྲིད་གནང་བ།

༢༠༠༩ལོའི་སྤྱི་ཟླ་༡༡པའི་ཚེས་༧ནས་ཚེས་༡༧བར་དུ། སྨན་པ་ཉི་ཟླ་ལྕེ་ནག་ཚང་གིས་ཨོ་ཁེ་ལན་རྒྱལ་ཁབ་ཀྱི་རྒྱལ་ས་ཁེབ་ཏུ་བོད་ཀྱི་གསོ་རིག་གི་དཔྱད་བཅོས་རིག་པ་སློབ་ཁྲིད་བྱས་ཏེ། མེ་བཙའ་མེ་བུམ། དབྱུག་བཅོས། བླ་བྱུགས་སོགས་ཀྱི་ལག་ལེན་དམར་ཁྲིད་བྱས། བོད་སྨན་གྱི་ལག་ལེན་པ་དང་ཞིབ་འཇུག་པ། བོད་ཀྱི་གསོ་རིག་ལ་དོ་སྣང་བྱེད་མཁན་མི་སུམ་ཅུ་ལྷག་སློབ་ཁྲིད་ལ་ཞུགས་ཤིང་། ཁོ་ཚོ་ཚང་མས་བོད་སྨན་གསོ་བ་རིག་པའི་དཔྱད་བཅོས་རིག་པ་དེ་རྒྱ་ཆེ་ལ་གཏིང་ཟབ་པ། ཐབས་ཤེས་མང་ལ། དེང་སང་སྤྱི་ཚོགས་ལམ་ལ་ལག་ལེན་སྟབས་བདེ་དང་ཕན་ཐོགས་ཆེ་བ་མངོན་གསལ་དོད་པོས་ཤེས་རྟོགས་བྱུང་ལ། མི་མང་ཆེ་བས་རྗེས་ཕྱོགས་བོད་ཀྱི་གསོ་རིག་སྤྱི་ལ་སྦྱངས་པ་བྱ་རྒྱུའི་སེམས་ཐག་བཅད་པ་བྱུང་།

[ཡོང་ཁུངས་། ངེད་དྲ་བ།] [རྩོམ་པ་པོ། གེ་སར།] [ཟླ་ཚེས། 10-01-16] [ཀློག་གྲངས། ]
དཔྱད་གཏམ།
དཔྱད་གཏམ་སྤེལ་བ།