རྒྱལ་སྤྱིའི་གསོ་རིག་གླིང་གི་ཨི་ཊ་ལིའི་གསོ་རིག་ཁང་གིས་གྲ་སྒྲིག་བྱས་པ་ལྟར་སྤྱི་ཟླ་དང་པོར་ཨི་ཊ་ལིའི་ཕ་ཊོ་བ་དང་སུད་སིའི་ཀེ་ཨ་སོ་གཉིས་སུ་དགེ་རྒན་ཌན་ཉེ་ལ་ཡིས་བསྐུ་མཉེའི་སློབ་ཁྲིད་སློབ་ཁྲིད་བྱས་པ་ལེགས་འགྲུབ་བྱུང་ནས་སློབ་མ༣༠ལྷག་འདུས་པ་བྱུང་། ཕོར་ཐོ་རྒལ་གསོ་རིག་ཁང་གིས་གྲ་སྒྲིག་བྱས་པ་ལྟར་དགེ་རྒན་ཨེ་མེལ་ཡོ་ཡིས་ཀྱང་གྲོང་ཁྱེར་ཁག་གཉིས་སུ་བསྐུ་མཉེའི་སློབ་ཁྲིད་གནང་ལ་དེ་རུ་སློབ་མ་༢༥ ཙམ་ལ་སློབ་གསོ་ཚད་ལྡན་ཐོབ།