ཨི་ཊ་ལི་བོད་ཀྱི་གསོ་རིག་ཁང་གི་ལོ་ཙྰ་མ་ཨ་ན་མ་རེ་ཡ་ཡིས་གསོ་རིག་རྩ་རྒྱུད་ཨི་ཊ་ལིའི་སྐད་དུ་བསྒྱུར་ཚར་བ་དང་དེ་ནི་རྩ་རྒྱུད་ཨི་ཊ་ལིའི་སྐད་ལ་བསྒྱུར་བ་ཐེངས་དང་པོ་ཡིན་ལ། མི་འགྱངས་པར་སྨན་པ་ཉི་ཟླའི་འགྲེལ་བ་དང་ལྷན་དུ་དཔར་སྐྲུན་བྱེད་རྒྱུའི་འཆར་གཞི་ཡོད། དེ་བཞིན་ཨ་ན་མ་རེ་ཡ་དང་ལོ་ཙྰ་བ་གཞན་རྣམས་ཀྱིས་གསོ་རིག་བཤད་རྒྱུད་ཨི་ཊ་ལིའི་སྐད་ལ་བསྒྱུར་བཞིན་ཡོད་ཅིང་། མ་འོངས་པར་མན་ངག་རྒྱུད་དང་ཕྱི་མ་རྒྱུད་བཅས་ཀྱང་བསྒྱུར་རྒྱུའི་འཆར་གཞི་ཡོད་དོ། །