ཡོ་རོབ་ཏུ་བོད་པའི་སྐར་རྩིས་རིག་པ་སློབ་ཁྲིད་གནང་པ།
རྒྱལ་སྤྱིའི་གསོ་རིག་གླིང་གི་བོད་ཀྱི་གསོ་རིག་ཁང་ཁག་གིས་བཀོད་སྒྲིག་ལྟར་དུ། ཡོ་རོབ་ཀྱི་རྒྱལ་ཁབ་ཧྥ་རན་སི་དང་སི་ཕེན། ཧྥེན་ལན། ཨེ་སུ་ཏོ་ཉི་ཡ། ཨུ་རུ་སུ། ཡུ་ཀུ་རེན་སོགས་སུ་སྨན་རྩིས་པ་བླ་མ་བློ་བཟང་དར་རྒྱས་ཀྱིས། བོད་ལུགས་ཀྱི་སྐར་ནག་རྩིས་རིག་ངོ་སྤྲོད་དང་ཁྱད་པར་འབྱུང་རྩིས་ཀྱི་སློབ་ཁྲིད་ཚད་ལྡན་གནང་ཞིང་། ཁྱོན་བསྡོམས་སློབ་མ་༨༠་ལྷག་ལ་སློབ་གསོ་ལེགས་པོ་ཐོབ ། དེ་བཞིན་དུ་རྒྱལ་སྤྱིའི་གསོ་རིག་གླིང་གིས་རྗེས་ཆར་ཡང་མུ་མཐུད་དུ་བོད་ལུགས་སྐར་རྩིས་རིག་པའི་སློབ་གསོ་འཛམ་གླིང་ཡོང་གི་སློབ་མ་རྣམས་ལ་སྤོད་རྒྱུ་ཡིན་ནོ།།
[ཡོང་ཁུངས་། ངེད་དྲ་བ།]
[རྩོམ་པ་པོ། གེ་སར།]
[ཟླ་ཚེས། 10-04-20]
[ཀློག་གྲངས། ]