
༢༠༡༠ལོའི་ཟླ༦པའི་ཚེས༡༥ཉིན། སྨན་པ་ཉི་ཟླའི་༼གཡུ་ཐོག་སྔོན་འགྲོ ༽ཞེས་པའི་དཔེ་ཆ་ཨུ་རུ་སུའི་སྐད་དུ་པར་སྐྲུན་བྱས་ཤིང་། དེབ་དེ་ནི་ཨུ་རུ་སུའི་སྐད་ལ་པར་སྐྲུན་གནང་བའི་སྨན་པ་ཉི་ཟླའི་དཔེ་ཆ་དེབ་ལྔ་པ་ཡིན་པ་དང་། དེ་ཡང་སྔོན་མར་པར་སྐྲུན་བྱས་ཟིན་པའི་དེབ་བཞི་པོ་ནི། ངོས་བཟུང་རྟགས་དང་གསོ་བྱེད་ཐབས། བོད་ཀྱི་གསོ་བ་རིག་པའི་རྨི་ལམ་འགྲེལ་བཤད། སྔགས་བཅོས་རིག་པ། བསྐུ་མཉེའི་ལག་དེབ་བཅས་ཡིན་ནོ།།
དེ་ཡང་གཡུ་ཐོག་སྙིང་ཐིག་གི་སྔོན་འགྲོ་ནི་ཐུན་མོང་དང་། ཐུན་མོང་མ་ཡིན་པ་དང་རྒྱུན་སྤྱོད་སྔོན་འགྲོ་བཅས་ཁག་གསུམ་དུ་དབྱེ་ཡོད་པ་དང་། གཡུ་ཐོག་པའི་ལུང་བསྟན་ལྟར་དུ་དུས་ལ་མཐུན་ཞིང་ཉམས་ལེན་བྱ་སྟབས་བདེ་བའི་སྔོན་འགྲོ་ཁྱད་དུ་འཕགས་པ་ཞིག་ཡིན་ནོ།།