དགེ་རྒན་ཆེན་མོ་གོ་འཇོ་དབང་འདུས་ལགས་ཀྱིས་ཨུ་རུ་སུ་རུ་བོད་སྨན་གྱི་ཁྲིད་ལུང་གནང་པ།

རྒྱལ་སྤྱིའི་བོད་ཀྱི་གསོ་རིག་གླིང་གི་ཡན་ལག་ཨུ་རུ་སུ་བོད་ཀྱི་གསོ་རིག་ཁང་གིས། ལྷ་ས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་གོ་འཇོ་དབང་འདུས་ལགས། ༢༠༡༠ལོའི་ཟླ་བརྒྱད་པ་ལ་ཨུ་རུ་སུའི་ས་གནས་ཨུར་སོག་ས་ཁུལ་བྷོ་རི་ཡ་ཐུ་དང་། རྒྱལ་ས་མོ་སུ་ཀོ་རུ་གདན་ཞུས་ཀྱིས་བོད་སྨན་གྱི་ཁྲིད་ལུང་གནང་། དེ་ཡང་བྷོིི་རི་ཡ་ཐུ་རུ་ཨུ་རུ་སུ་བོད་ཀྱི་གསོ་རིག་ཁང་གི་ཡན་ལག་གཡུ་ཐོག་གླིང་གི་ཚོགས་མིས་གྲྭ་སྒྲིག་ལྟར། དེ་རུ་བོད་ཀྱི་གསོ་རིག་དོན་གཉེར་ཅན་དང་སློབ་མ་བརྒྱ་ལྷག་ལ་སྨན་སྦྱོར་ལག་ལེན། གསོ་རིག་རྕ་རྒྱུད། རྕ་ཆུ་བཅས་ལྗགས་ཁྲིད་དང་། དར་མོ་སྨན་རམས་པའི་མན་ངག་བཀའ་བརྒྱ་མའི་ལུང་དང་རྩ་བཤད་ཀྱི་ལུང་བཅས་གནང་ལ། རྒྱལ་ས་མོ་སུ་ཀོ་རུ་གཡུ་ཐོག་སྙིང་ཐིག་གི་སྔོན་འགྲོ། གཏེར་བདག་གླིང་པའི་ཞང་བློན་གསོལ་ཁ། དར་མོ་སྨན་རམས་པའི་མན་ངག་བཀའ་བརྒྱ་མ་དང་གསོ་རིག་རྩ་བཤད་རྒྱུད་ཀྱི་ལུང་བཅས་གནང་ལ། བྱ་བྱེད་སྨན་པ་དང་ཁྱད་པར་བོད་སྨན་པ་ཞིག་ལ་ཚད་མེད་བཞི་དང་ཡང་སྒོས་བྱམས་སྙིང་རྗེ་དགོས་པའི་སྐོར་གྱི་བཀའ་སློབ་ནན་ཏུ་གནང་པ་དེར་འདུས་ཀྱི་སྨན་པ་དང་སློབ་མ་༦༥་ཙམ་ལ་ཤིན་ཏུ་ཕན་པར་གྱུར་རོ།།
 

[ཡོང་ཁུངས་། ངེད་དྲ་བ།] [རྩོམ་པ་པོ། གེ་སར།] [ཟླ་ཚེས། 10-09-24] [ཀློག་གྲངས། ]
དཔྱད་གཏམ།
དཔྱད་གཏམ་སྤེལ་བ།